Skip to content Skip to footer

Entrepreneurship Programme

Loden launched its entrepreneurship programme in 2008, called Tshongrig in Dzongkha — intelligent business —to tackle Bhutan’s growing youth unemployment, reduce economic dependency, and strengthen the emerging private sector. The programme aspires to develop a prosperous, sustainable, and caring economy and foster a community of responsible producers and intelligent consumers.

Entrepreneurship Programme ​has
5 Different Areas

Frequently Asked Questions (FAQ) | དུས་རྒྱུན་གྱི་དྲི་བ།

1. Who is eligible to avail of the loan from the Loden Foundation?
༡༽ བློ་ལྡན་གཞི་ཚོགས་ལས་ སྐྱིན་འགྲུལ་འཐོབ་ནི་གི་འོས་འབབ་ག་ལུ་ཡོད?

Any Bhutanese individual with an innovative business idea and a complete set of documents can apply for a loan from Loden Foundation. We do not require any educational qualification. However, suppose you are already employed with the government, an NGO or a private company. In that case, you are not eligible to apply for the loan unless you intend to resign and carry on the project.
འབྲུག་མི་ག་ར་ཨིན་རུང་ རང་ལུ་ཚོང་འབྲེལ་གྱི་རིག་པ་དང་ ཐབས་ཤེས་གསརཔ་ཡོད་མི་ཅིག་དང་ ཡིག་ཆ་ཚངམ་སྦེ་ཡོད་མི་ མི་ངོམ་འོས་འབབ་ཅན་ཚུ་གིས་ བློ་ལྡན་གཞི་ཚོགས་ནང་ སྐྱིན་འགྲུལ་གྱི་ཞུ་ཚིག་ཕུལ་ཆོགཔ་ཨིན། ང་བཅས་ཀྱི་གཞི་ཚོགས་ནང་ ཤེས་ཚད་ཀྱི་སྤུས་ཚད་ཚུ་དགོཔ་མེདཔ་ད་ ག་དེ་ཅིག་སྦེ་ གཞུང་གཡོག་དང་གཞུང་མིན་ལས་ཚོགས་ འདི་ལས་སྒེར་གྱི་ལཱ་ཚུ་ནང་ཨིན་པ་ཅིན་ སྐྱིན་འགྲུལ་ཞུ་མི་ཆོགཔ་ལས་ ག་དེ་ཅིག་སྦེ་ སྐྱིན་འགྲུལ་ཞུ་དགོ་པ་ཅིན་ འདི་ཚུ་ལས་དགོངས་ཞུ་དགོཔ་ཨིན།

2. What is the maximum amount of loan I can obtain?
༢༽ སྐྱིན་འགྲུལ་ཞུ་མི་ཚུ་གིས་ སྐྱིན་འགྲུལ་མང་ཤོས་ག་དེ་ཅིག་འཐོབ་ཚུགས་ག?

We provide a maximum of Nu. 1.5 million (15 Lakhs) to support one single business idea. However, the selection committee reserves the right to exclude any budget components that are unrealistic or not required. Your contribution is looked upon favourably, and you should specifically mention the amount of your equity in your proposal.
ང་བཅས་ཀྱིས་ ཚོང་རིག་གི་རིག་པ་གཅིག་གི་དོན་ལུ་ སྐྱིན་འགྲུལ་མང་མཐའ་ས་ཡ་༡.༥ (འབུམ་༡༥) གི་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ བཙག་འཐུའི་ཚོགས་ཆུང་གིས་ འཆར་གཞི་དང་མ་མཐུནམ་དང་ མ་དགོ་པའི་མ་དངུལ་འདི་བཏོན་བཏང་འོང། གྲོས་འཆར་དང་འཁྲིལ་ཏེ་ ཁྱོད་རའི་ཧོངས་ལས་ཡང་ མ་དངུལ་ངེས་ཏིག་བཙུགས་ནི་ཡོད་པ་ཅིན་ ངོས་ལེན་འབད་འོང་།

3. How much interest do I have to pay on the loan?
༣༽ སྐྱུན་འགྲུལ་གྱི་སྐྱེད་ག་དེམ་ཅིག་སྤྲོད་དགོཔ་སྨོ?

The loan provided by the Loden Foundation is interest free. We also offer a grace period ranging from three months, extending up to one year in exceptional cases, based on the nature of the business. The loan amount is then repayable within four years from the grace period.
བློ་ལྡན་གཞི་ཚོགས་ཀྱི་སྐྱིན་འགྲུལ་འདི་སྐྱེད་མེད་པར་འབད་འབྱིནམ་ཨིན། ང་བཅས་གཞི་ཚོགས་ ཀྱི་ཚོང་འབྲེལ་གྱི་གནས་སྟངས་དང་འཁྲིལ་ཏེ་དམིགས་བསལ་གྱིས་དུས་ཡུན་ཡར་སེང་སྟེ་ཟླཝ་གསུམ་ལས་ལོ་ གཅིག་ཚུན་ཚོད་འབྱིནམ་ཨིན། སྐྱིན་འགྲུལ་མ་དངུལ་འདི་དུས་ཡུན་ཡར་སེང་འབད་བའི་ཟླཝ་ལས་འགོ་བཟུང་སྟེ་ ལོ་ངོ་བཞི་་གི་ནང་འཁོད་ལུ་སྐྱིན་ཚབ་འདི་སྤྲོད་ཚར་དགོཔ་ཨིན།

4. Do I need collateral to avail the loan?
༤༽ སྐྱིན་འགྲུལ་འདི་འཐོབ་ནི་གི་དོན་ལུ་གཏའ་མ་བཙུགས་དགོ་ག?

No. Loden wishes to provide business loans to enthusiastic Bhutanese who have the drive to run a business. However, in most cases, these individuals do not have the means or the resources to realize their ideas. Therefore, Loden does not require individuals to have collateral for their loans; instead, it is based on trust and honesty. We require the individuals to bring in a guarantor – someone who is employed or has some regular income and we will monitor your repayments.
མིན་དགོ། བློ་ལྡན་གྱི་རེ་བ་འདི་རང་ འབྲུག་མི་ཚོང་རྐྱབ་ནི་གི་སྤྲོ་བ་དང་ དང་འདོད་ཡོད་མི་ཚུ་ལུ་ ཚོང་འབྲེལ་གྱི་སྐྱིན་འགྲུལ་སྦྱིན་ནི་འདི་ཨིན། ཨིན་འདི་འབད་རུང་སྤྲོ་བ་དང་ དང་འདོད་ཡོད་མི་མི་དེ་ཚུ་ མང་ཤོས་ཅིག་གིས་ཁོང་རའི་རེ་བ་དང་རེ་ཆ་ འགྲུབ་མ་ཚུབ་བ་སྡོད་ནུག། འདི་འབད་ནི་འདི་གི་བློ་ལྡན་གྱི་སྐྱིན་ འགྲུལ་བྱིནམ་ད་གཏའ་མ་བཙུགས་མ་དགོཔ་དང་ དགོཔ་ཟེར་རུང་བློ་གཏད་དང་དྲང་བདེན་དགོཔ་ཨིན། སྐྱུན་འགྲུལ་ཞུཝ་ད་ གཞུང་གཡོག་ནང་ཡོད་མི་འབད་རུང་ཨ་རྟག་རང་འོང་འབབ་ཐོབ་མི་གཅིག་ཁས་ལེན་མི་ འབད་བརྩུགས་དགོཔ་དང་ ང་བཅས་ཚུ་གིས་སྐྱིན་ཚབ་སྤྲོད་མི་འདི་ལྟ་རྟོག་འབད་ནི་ཨིན།

5. I have already started my business; am I eligible for a loan?
༥༽ ང་གིས་ཚོང་ལཱ་ཧེ་མ་ལས་འགོ་བཙུགས་ཚར་ཡི། ད་ང་ལུ་སྐྱིན་འགྲུལ་ཞུ་ནི་གི་འོས་འབབ་ཡོདཔ་ཡོད་ག?

Yes. If you have started a small business and are looking forward to expanding you can apply for the loan. You must clearly mention the reason for expansion and the purpose for the need for additional funding.
འོས་འབབ་ཡོད། ཁྱོད་ཀྱི་ཚོང་ལཱ་ཆུང་ཀུ་ཅིག་འགོ་བཙུགས་ཞིནམ་ལས་ གལ་སྲིད་འདི་རྒྱ་བསྐྱེད་འབད་ ནིའི་དོན་ལུ་ ཁྱོད་ཀྱིས་སྐྱིན་འགྲུལ་ལེན་མཆོག། དེ་འབདཝ་ད་ ག་ཅི་སྦེ་རྒྱ་བསྐྱེད་འབད་ནི་ཨིན་ན་གི་ ཁུངས་ཁ་གསལ་དང་ སྐྱིན་འགྲུལ་ཁ་སྐོང་དགོ་པའི་དགོས་པ་ཁ་གསལ་བཀོད་དགོཔ་ཨིན།

6. I submitted a proposal with Loden Foundation in the past but did not get selected. Can I re-apply with the same idea?
༦༽ ང་གིས་ ཧེ་མ་ལས་བློ་ལྡན་གཞི་ཚོགས་ནང་ གྲོས་འཆར་བཙུགས་རུང་ གདམ་ཁ་མ་འགྲུབ་ལས་ ང་གིས་རིག་པ་འདི་གུ་ར་བཅའ་མར་གཏོགས་ཆོག་ག?

Yes. You can still apply for the loan even though your proposal was not selected. However, this time, you have to mention what is different in your proposal.
ག་དེ་ཅི་སྦེ་ ཁྱོད་ཀྱི་གྲོས་འཆར་འདི་གདམ་ཁ་མ་འགྲུབ་རུང་ རིག་རྩལ་འདི་གུ་ལོག་བཅའ་མར་གཏོགས་ཆོག འདི་འབདཝ་ད་ དེ་བསྒང་ཁྱོད་ཀྱི་གྲོས་འཆར་ནང་ རིག་པ་མ་འདྲཝ་ག་ཅི་ཡོད་ག་ ཁ་གསལ་བཀོད་དགོཔ་ཨིན།

1. What kind of business ideas does the Loden Foundation support?
༡༽ བློ་ལྡན་གཞི་ཚོགས་ཀྱིས་ ཚོང་འབྲེལ་གྱི་གནས་སྐབས་ག་བཟུམ་ལུ་གྲོགས་རམ་འབདཝ་ཨིན་ན?

Loden supports a wide range of business ideas that are innovative, has the capacity of scale-up and create employment opportunities in Bhutan. In the last 10-years, Loden has supported over 200 businesses in various sectors including agriculture, environment, technology, tourism, traditional crafts, fashion, education, well-being and health. You can see all Loden entrepreneurs and their businesses here
བློ་ལྡན་གཞི་ཚོགས་ཀྱིས་ གྲོགས་རམ་ག་ལུ་མཛདཔ་སྨོ་ཟེར་བ་ཅིན་ མནོ་བསམ་རྒྱ་དྲག་སྦེ་བཏང་ནི་ཡོད་ པའི་གསར་བཏོད་ཀྱི་གནས་སྐབས་ ཚོང་འབྲེལ་རྒྱ་སྐྱེད་བཏང་ནིའི་གོ་སྐབས་ཡོད་མི་ འདི་ལས་འབྲུག་མི་ ལཱ་གཡོག་གི་གོ་སྐབས་སྤྲོད་ཚུགས་མི་ཚུ་ལུ་ གྲོགས་རམ་འབདཝ་ཨིན། ལོ་ངོ་ ༡༠ རིང་ བློ་ལྡན་གཞི་ཚོགས་ཀྱིས་ བསོད་ནམས་ཀྱི་ལཱ་དང་ རང་བཞིན་གནས་སྟངས་ དེང་སང་འཕྲུལ་རིག་ ལྟ་བཤལ་ཚོང་ལཱ་ སྔར་སྲོལ་ལག་བཟོ དེང་སང་གྱོན་ཆས་ ཤེས་རིག་ཀྱི་སྦྱོང་བརྡར་དང་ གཟུགས་ ཁམས་ལ་སོགས་པའི་ ཚོང་ལཱ་ ༢༠༥ ལུ་ རྒྱབ་སྐྱོར་འབད་ཡི།

2. What kind of business ideas are not supported by Loden Foundation?
༢༽ བློ་ལྡན་གཞི་ཚོགས་ལས་ཚོང་ལས་ཀྱི་ཐབས་ཤེས་ག་བཟུམ་ལུ་རྒྱབ་སྐྱོར་མེདཔ་སྨོ­­?

Loden does not support business plans that have a negative impact on the environment, society, culture and others that do not conform to Buddhist principles, such as killing living beings. If you are unsure about your business idea, you can always call or email us during office hours.
བློ་ལྡན་གཞི་ཚོགས་ལས་ ཚོང་འབྲེལ་འཆར་གཞི་དཔྱེ་འབད་བ་ཅིན་ རང་བཞིན་གནས་སྟངས་ལུ་གནོད་ ས་གཏེར་གྱི་ལཱ་ལ་སོགས་པ་ཚུ་དང་ ཆོས་དང་མ་མཐུན་པའི་ སེམས་ཅན་ སྲོག་བཅད་ནི་ལ་སོགས་པའི་ ཐབས་ཤེས་ལུ་རྒྱབ་སྐྱོར་འབད་ནི་མེད། ཁྱོད་ར་གིས་བརྩམས་མི་ ཚོང་འབྲེལ་འཆར་གཞི་ལུ་ དོགས་པ་ཡོད་པ་ཅིན་ ཡིག་ཚང་གི་དུས་ཚོད་ཁརའགྲུལ་འཕྲིན་ཨང་༧༧༡༩༥༥༨༨་ཡང་ན་ www.loden.org ཡོངས་འབྲེལ་ཁ་བྱང་ནང་འབྲེལ་བ་མཛད་གནང་།

1. What documents do I need to submit along with my proposal?
༡༽ ངེའི་ཚོང་འབྲེལ་གྱི་གྲོས་འཆར་དང་གཅིག་ཁར་ཡིག་ཆ་ག་ཅི་ར་ཕུལ་དགོཔ་སྨོ?

At the time submission of your proposal, your complete set of documents must include i) A Business Proposal (using the template created by Loden or using your own template [not exceeding 15 pages] ii) Curriculum Vitae (CV) iii) Personal Statement iv) Business Plan Submission form available on the website v) CIB report from www.cib.bt
ཁྱོད་རའི་གྲོས་འཆར་ཕུལ་བའི་སྐབས་

༡) ཚོང་འབྲེལ་གྱི་གྲོས་འཆར།

༢) ཤེས་ཡོན་ཉམས་མྱོང་གི་ཐོ།

༣) རང་དོན་ངོ་སྤྲོད་ཀྱི་ཐོ།

༤) ཡོངས་འབྲེལ་ནང་ཡོད་པའི་ཚོང་འབྲེལ་འཆར་གཞི་ཕུལ་བའི་འབྲི་ཤོག

༥ ) བརྡ་དོན་སྐྱིན་འགྲུལ་ཡིག་ཚང་གི་སྙན་ཞུ་ཚུ་ཡོངས་འབྲེལ་འཆར་སྒོ་  www.cib.bt   ལས་ཕབ་ལེན་འབད་དེ་ཁྱོད་རའི་སྐོར་ལས་ ཡིག་ཆས་ཡོངས་རྫོགས་སྦེ་ཚུད་དགོཔ་ཨིན།

2. What is a business proposal?
༢༽ ཚོང་འབྲེལ་གྱི་གྲོས་འཆར་ཟེར་མི་འདི་ག་ཅི་ལུ་སླབ་སྨོ?

Business Proposals may vary depending on the type and size of the business. Your business proposal should be concise and articulate. There are a few essential components that you should include in your proposal. You can find a brief guideline that will help you draft your business proposal HERE.
ཚོང་འབྲེལ་གྱི་གྲོས་འཆར་འདི་ ང་བཅས་རའི་ཚོང་འབྲེལ་ཆེ་ཆུང་དང་ དབྱེ་བ་དང་འཁྲིལ་བརྟེན་ཁྱད་པར་ཡོད། ཁྱོད་རའི་ཚོང་འབྲེལ་གྱི་ཐབས་ཤེས་འདི་ ཚིག་ཉུང་ དོན་དག་གསལ་ཏོག་ཏོ་སྦེ་དགོཔ་ཨིན། ཁྱོད་རའི་གྲོས་འཆར་ནང་ ཚུད་དགོ་པའི་གནད་དོན་ གལ་ཅན་དག་པ་ཅིན་ཡོད། ཁྱོད་རའི་ཚོང་འབྲེལ་གྱི་གྲོས་འཆར་ལུ་ ཕན་ཐོག་པའི་ལམ་སྟོན་ ཟིན་བྲིས་ཚུ་འདི་ནང་ལས་འཐོབ་ཚུགས། འབྲི་ཤོག་འདི་ ཨ་ནཱ་ལས་ཐོབ།

3. What is a Curriculum Vitae (CV)?
༣༽ ཁྱད་ཡོན་ཐོ་ཟེར་མི་འདི་ག་ཅི་སྨོ?

A curriculum vitae (CV) is a document that gives an overview of your professional experience, educational qualifications, skills and other technical competencies.
ཁྱད་ཡོན་ཐོ་ཟེར་མི་འདི་ ཡིག་ཆ་གཅིག་ནང་ལས་ རང་ལུ་ཁྱད་རིག་ལཱ་གི་ཉམས་མྱོང་དང་ ཤེས་ཡོན་གྱི་རིག་རྩལ་དང་ གཞན་ཡང་འཕྲུལ་རིག་གི་ལྕོགས་གྲུབ་ཚུ་ ཁ་གསལ་སྦེ་མཐོང་ཚུགས་མི་ལུ་སླབ་ཨིན།

4. What is a personal statement?
༤༽ སྒེར་དོན་གྱི་ངག་བརྗོད་ཟེར་མི་འདི་ག་ཅི་སྨོ?

In your statement (600-800 words), you should be able to explain why your business is innovative and why you are the right person to lead the business.
ཁྱོད་རའི་སྒེར་དོན་གྱི་ངག་བརྗོད་ནང་ ཁྱོད་རའི་ཚོང་འབྲེལ་འདི་ ག་ཅི་སྦེ་རིག་གསར་གྱི་ཐོག་ ལས་ཨིན་ན་དང་ ཁྱོད་ཀྱིས་ག་ཅི་སྦེ་ ཚོང་ལཱ་འགོ་འདྲེན་འཐབ་ནི་དོན་ལུ་ མི་ངོམ་དྲགཔ་ཨིན་ན་ ཚིག་འབྲུ་ ༼༦༠༠-༨༠༠༽ ནང་འཁོད་འགྲེལ་བཤད་རྐྱབ་ཚུགས་དགོ།

5. What is a Business Plan Submission form?
༥༽ ཚོང་གི་འཆར་གཞི་བཙུགས་ནི་གི་འབྲི་ཤོག་འདི་ག་ཅི་སྨོ?

The Business Plan Submission form is compulsory and must be filled by all applicants. Please refer to the latest call for business proposals to download the latest form.

Applicants who apply using the Business Proposal Template developed by Loden (available here) do not need to submit the Business Plan Submission Form. However, if you apply using your creative business proposal format, please note that you must submit a Business Plan Submission Form.
ཚོང་གི་འཆར་གཞི་བཙུགས་ནི་གི་འབྲི་ཤོག་འདི་ ཞུ་ཡིག་ཕུལ་མི་ཆ་མཉམ་གྱིས་ བཀང་ར་བཀང་དགོཔ་ཅིག་ཨིན། འབྲི་ཤོག་འདི་ ཨ་ནཱ་ལས་ཐོབ། 

6. What is a CIB report?
༦༽ སྐྱིན་འགྲུལ་བརྡ་དོན་(CIB)གྱི་སྙན་ཞུ་འདི་ག་ཅི་སྨོ?

A CIB report records your credit information, if any, from any financial institution. The CIB report can be availed from the Credit Information Bureau of Bhutan (CIB) located at the NPPF Office Complex Building in Chubachu, Thimphu. If you are outside Thimphu, you may obtain your CIB report online by visiting their website at https://www.cib.bt/ or contacting the responsible officer.
སྐྱིན་འགྲུལ་བརྡ་དོན་སྙན་ཞུ་ཟེར་མི་འདི་ ག་དེམ་ཅིག་སྦེ་ ཁྱོད་ཀྱིས་ དངུལ་འབྲེལ་གྱི་གཙུག་སྡེ་ཚུ་ནང་ལས་ སྐྱིན་འགྲུལ་ལེན་ལེནམ་ཡོད་པ་ཅིན་ འདི་གི་གནས་ཚུལ་ཟིན་ཐོ་འདི་ལུ་སླབ་ཨིན། བརྡ་དོན་ཐོ་གི་སྙན་ཞུ་འདི་ ཐིམ་ཕུག་ཆུ་བར་ཆུ་ རྒྱལ་ཡོངས་དགོངས་ཞུ་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་སྒྲིང་ཁྱིམ་ནང་ཡོད་པའི་ འབྲུག་སྐྱིན་འགྲུལ་བརྡ་དོན་ཡིག་ཚང་ཚད་འཛིན་ལས་ཐོབ་ཚུགས། ག་དེམ་ཅིག་སྦེ་ཁྱོད་ར་ ཐིམ་ཕུག་ཕུག་གི་ཕྱི་ཁར་ཨིན་པ་ཅིན་ སྐྱིན་འགྲུལ་བརྡ་དོན་སྙན་ཞུ་འདི་ ཡོངས་འབྲེལ་ཁ་བྱང་ https://www.cib.bt/ནང་ལས་འཐོབ་ཚུགས་ནི་དང་ ཡང་ན་ འབྲེལ་བ་ཡོད་པའི་འགོ་དཔོན་དང་མཉམ་ཅིག་འབྲེལ་བ་མཛད་གནང་།

1. How and where do I submit my project documents?
༡༽ ལས་འགུལ་གྱི་ཡིག་ཆ་འདི་ ག་ཏེ་དང་ག་དེ་སྦེ་ཕུལ་ནི་སྨོ?

Once you have all your documents ready, you must submit the complete set of documents via Google Form
ན་བུ་གི་ཡིག་ཆ་ཚུ་ག་ར་ཚང་ཞིནམ་ལས་ཡིག་ཆ་ཚུ་ བློ་ལྡན་གྱི་ཡོངས་འབྲེལ་ Google Form ནང་ བཙུགས་དགོཔ་ཨིན།

1. How do I know my business idea has been selected?
༡༽ ཚོང་འབྲེལ་གནས་སྐབས་འདི་གདམ་འཐུ་གྲུབ་ནུག་ཟེར་ག་དེ་སྦེ་ཤེས་ཚུགས་ནི་སྨོ?

The Loden Foundation receives many proposals each time during the call for proposals. Therefore, we will only contact the shortlisted applicants for further interviews. Once the final round of interviews is completed and the proposals selected, an announcement will be made on the Loden Foundation website and social media platforms.
བློ་ལྡན་གཞི་ཚོགས་ནང་ཚོང་འབྲེལ་གསར་བཀོད་ཀྱིས་སྐབས་ལུ་ གྲོས་འཆར་བཙུགས་མི་ལེ་ ཤ་འོང་ནི་ཡོད། འདི་འབདཝ་ལས་གདམ་འཐུ་གྲུབ་མི་ མི་ངོམ་ལུ་རྐྱངམ་ཅིག་དྲི་ལན་གྱི་དོན་ལུ་འབྲེལ་ བ་འཐབ་ནི་ཡོད། མཐའ་དཔྱད་ཀྱི་བཙག་འཐུ་འདི་མཇུག་བསྡུ་ གྲོས་འཆར་འདི་གདམ་འཐུ་འབད་ཚར་ ཞིནམ་ལས་ ང་བཅས་ཀྱིས་ཡིག་ཚང་གི་ཡོངས་འབྲེལ་ཁ་བྱང་དང་ མི་སྡེ་བརྡ་བརྒྱུད་ནང་ཁྱབ་བསྒྲགས་ འབད་ནི་ཡོད།